འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པ་ཉིད་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །​ཀཽ་ཤི་ཀ་གཞན་ཡང་སའི་ཁམས་ནི་སའི་ཁམས་ཀྱིས་སྟོང་ངོ་། །​ཆུའི་ཁམས་ནི་ཆུའི་ཁམས་ཀྱིས་སྟོང་ངོ་། །​མྱེའི་ཁམས་ནི་མྱེའི་ཁམས་ཀྱིས་སྟོང་ངོ་། །​རླུང་གི་ཁམས་ནི་རླུང་གི་ཁམས་ཀྱིས་སྟོང་ངོ་། །ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱིས་སྟོང་ངོ་། །​རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་ངོ་། །​བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །​ཀཽ་ཤི་ཀ་དེ་ལྟར་ན་སའི་ཁམས་སྟོང་པ་ཉིད་དང་། ཆུའི་ཁམས་སྟོང་པ་ཉིད་དང་། མྱེའི་ཁམས་སྟོང་པ་ཉིད་དང་། རླུང་གི་ཁམས་སྟོང་པ་ཉིད་དང་། ནམ་མཁའི་ཁམས་སྟོང་པ་ཉིད་དང་། རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །​ཀཽ་ཤི་ཀ་གཞན་ཡང་མ་རིག་པ་ནི་མ་རིག་པས་སྟོང་ངོ་། །​འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་ངོ་། །​རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ་། །མྱིང་དང་གཟུགས་ནི་མྱིང་དང་གཟུགས་ཀྱིས་སྟོང་ངོ་། །​སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་གིས་སྟོང་ངོ་། །​རེག་པ་ནི་རེག་པས་སྟོང་ངོ་། །​ཚོར་བ་ནི་ཚོར་བས་སྟོང་ངོ་། །​སྲེད་པ་ནི་སྲེད་པས་སྟོང་ངོ་། །​ལེན་པ་ནི་ལེན་པས་སྟོང་ངོ་། །​སྲིད་པ་ནི་སྲིད་པས་སྟོང་ངོ་། །​སྐྱེ་བ་ནི་སྐྱེ་བས་སྟོང་ངོ་། །​རྒ་ཤི་ནི་རྒ་ཤིས་སྟོང་ངོ་། །​བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །​ཀཽ་ཤི་ཀ་དེ་ལྟར་ན་མ་རིག་པ་སྟོང་པ་ཉིད་དང་། འདུ་བྱེད་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དང་། མྱིང་དང་གཟུགས་སྟོང་པ་ཉིད་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96072#UT22084-014-001-96072