གདམས་པ་དང་། རྗེས་སུ་བསྟན་པ་དང་། དགའ་བར་བགྱིས་པ་དང་། ཡང་དག་པར་བསྐུལ་བ་དང་། ལེགས་པར་གཟེངས་བསྟོད་པ་དང་། རབ་ཏུ་དགའ་བར་བགྱིས་པ་དང་། བཀོད་པ་དང་། ཤིན་ཏུ་བརྟན་པ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །​ཀཽ་ཤི་ཀ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བ་དང་ཇི་ལྟར་མྱི་གནས་པར་བྱ་བ་བདག་གིས་བཤད་དོ། །​ཀཽ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །​ཚོར་བ་ནི་ཚོར་བས་སྟོང་ངོ་། །​འདུ་ཤེས་ནི་འདུ་ཤེས་ཀྱིས་སྟོང་ངོ་། །​འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་ངོ་། །​རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ་། །​བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །​ཀཽ་ཤི་ཀ་དེ་ལྟར་ན་གཟུགས་སྟོང་པ་ཉིད་དང་། ཚོར་བ་སྟོང་པ་ཉིད་དང་། འདུ་ཤེས་སྟོང་པ་ཉིད་དང་། འདུ་བྱེད་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། །​ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །​ཀཽ་ཤི་ཀ་གཞན་ཡང་མྱིག་ནི་མྱིག་གིས་སྟོང་ངོ་། །​རྣ་བ་ནི་རྣ་བས་སྟོང་ངོ་། །​སྣ་ནི་སྣས་སྟོང་ངོ་། །​ལྕེ་ནི་ལྕེས་སྟོང་ངོ་། །​ནི་ལུས་ཀྱིས་སྟོང་ངོ་། །​ཡིད་ནི་ཡིད་ཀྱིས་སྟོང་ངོ་། །​བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །​ཀཽ་ཤི་ཀ་དེ་ལྟར་ན་མྱིག་སྟོང་པ་ཉིད་དང་། རྣ་བ་སྟོང་པ་ཉིད་དང་། སྣ་སྟོང་པ་ཉིད་དང་། ལྕེ་སྟོང་པ་ཉིད་དང་། ལུས་སྟོང་པ་ཉིད་དང་། ཡིད་སྟོང་པ་ཉིད་དང་། བྱང་ཆུབ་སེམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96069#UT22084-014-001-96069