ཡིད་བརྟན་དུ་མྱི་རུང་བར་ཡིད་ལ་བྱའོ། །​སྲེད་པ་ནི་གནོད་པར་ཡིད་ལ་བྱའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། ལེན་པ་ནི་མྱི་རྟག་པར་ཡིད་ལ་བྱའོ། །​ལེན་པ་ནི་སྡུག་བསྔལ་བར་ཡིད་ལ་བྱའོ། །ལེན་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །​ལེན་པ་ནི་ཞི་བར་ཡིད་ལ་བྱའོ། །​ལེན་པ་ནི་དབེན་པར་ཡིད་ལ་བྱའོ། །​ལེན་པ་ནི་ནད་དུ་ཡིད་ལ་བྱའོ། །​ལེན་པ་ནི་ཤུ་བར་ཡིད་ལ་བྱའོ། །​ལེན་པ་ནི་ཟུག་རྔུར་ཡིད་ལ་བྱའོ། །​ལེན་པ་ནི་སྡིག་པར་ཡིད་ལ་བྱའོ། །​ལེན་པ་ནི་ན་བར་ཡིད་ལ་བྱའོ། །​ལེན་པ་ནི་དགྲར་ཡིད་ལ་བྱའོ། །​ལེན་པ་ནི་འཇིག་པའི་ཆོས་ཅན་དུ་ཡིད་ལ་བྱའོ། །​ལེན་པ་ནི་མི་བརྟན་པར་ཡིད་ལ་བྱའོ། །​ལེན་པ་ནི་འཇིག་པར་ཡིད་ལ་བྱའོ། །​ལེན་པ་ནི་འཇིགས་པར་ཡིད་ལ་བྱའོ། །​ལེན་པ་ནི་འགོ་བའི་ནད་དུ་ཡིད་ལ་བྱའོ། །​ལེན་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །​ལེན་པ་ནི་བདག་གི་མྱེད་པར་ཡིད་ལ་བྱའོ། །​ལེན་པ་ནི་ཡིད་བརྟན་དུ་མྱི་རུང་བར་ཡིད་ལ་བྱའོ། །​ལེན་པ་ནི་གནོད་པར་ཡིད་ལ་བྱའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། སྲིད་པ་ནི་མྱི་རྟག་པར་ཡིད་ལ་བྱའོ། །​སྲིད་པ་ནི་སྡུག་བསྔལ་བར་ཡིད་ལ་བྱའོ། །​སྲིད་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །​སྲིད་པ་ནི་ཞི་བར་ཡིད་ལ་བྱའོ། །​སྲིད་པ་ནི་དབེན་པར་ཡིད་ལ་བྱའོ། །​སྲིད་པ་ནི་ནད་དུ་ཡིད་ལ་བྱའོ། །​སྲིད་པ་ནི་ཤུ་བར་ཡིད་ལ་བྱའོ། །​སྲིད་པ་ནི་ཟུག་རྔུར་ཡིད་ལ་བྱའོ། །​སྲིད་པ་ནི་སྡིག་པར་ཡིད་ལ་བྱའོ། །​སྲིད་པ་ནི་ན་བར་ཡིད་ལ་བྱའོ། །​སྲིད་པ་ནི་དགྲར་ཡིད་ལ་བྱའོ། །​སྲིད་པ་ནི་འཇིག་པའི་ཆོས་ཅན་དུ་ཡིད་ལ་བྱའོ། །​སྲིད་པ་ནི་མྱི་བརྟན་པར་ཡིད་ལ་བྱའོ། །​སྲིད་པ་ནི་འཇིག་པར་ཡིད་ལ་བྱའོ། །​སྲིད་པ་ནི་འཇིགས་པར་ཡིད་ལ་བྱའོ། །​སྲིད་པ་ནི་འགོ་བའི་ནད་དུ་ཡིད་ལ་བྱའོ། །​སྲིད་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །​སྲིད་པ་ནི་བདག་གི་མྱེད་པར་ཡིད་ལ་བྱའོ། །​སྲིད་པ་ནི་ཡིད་བརྟན་དུ་མི་རུང་བར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96058#UT22084-014-001-96058