དུ་ཡིད་ལ་བྱའོ། །​རྣ་བ་ནི་བདག་གི་མྱེད་པར་ཡིད་ལ་བྱའོ། །​རྣ་བ་ནི་ཡིད་བརྟན་དུ་མྱི་རུང་བར་ཡིད་ལ་བྱའོ། །​རྣ་བ་ནི་གནོད་པར་ཡིད་ལ་བྱའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། སྣ་ནི་མི་རྟག་པར་ཡིད་ལ་བྱའོ། །​སྣ་ནི་སྡུག་བསྔལ་བར་ཡིད་ལ་བྱའོ། །​སྣ་ནི་བདག་མེད་པར་ཡིད་ལ་བྱའོ། །​སྣ་ནི་ཞི་བར་ཡིད་ལ་བྱའོ། །​སྣ་ནི་དབེན་པར་ཡིད་ལ་བྱའོ། །​སྣ་ནི་ནང་དུ་ཡིད་ལ་བྱའོ། །​སྣ་ནི་ཤུ་བར་ཡིད་ལ་བྱའོ། །​སྣ་ནི་ཟུག་རྔུར་ཡིད་ལ་བྱའོ། །​སྣ་ནི་སྡིག་པར་ཡིད་ལ་བྱའོ། །སྣ་ནི་ན་བར་ཡིད་ལ་བྱའོ། །​སྣ་ནི་དགྲར་ཡིད་ལ་བྱའོ། །​སྣ་ནི་འཇིག་པའི་ཆོས་ཅན་དུ་ཡིད་ལ་བྱའོ། །​སྣ་ནི་མྱི་བརྟན་པར་ཡིད་ལ་བྱའོ། །​སྣ་ནི་འཇིག་པར་ཡིད་ལ་བྱའོ། །​སྣ་ནི་འཇིགས་པར་ཡིད་ལ་བྱའོ། །​སྣ་ནི་འགོ་བའི་ནད་དུ་ཡིད་ལ་བྱའོ། །​སྣ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །​སྣ་ནི་བདག་གི་མྱེད་པར་ཡིད་ལ་བྱའོ། །​སྣ་ནི་ཡིད་བརྟན་དུ་མྱི་རུང་བར་ཡིད་ལ་བྱའོ། །​སྣ་ནི་གནོད་པར་ཡིད་ལ་བྱའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། ལྕེ་ནི་མྱི་རྟག་པ་པར་ཡིད་ལ་བྱའོ། །​ལྕེ་ནི་སྡུག་བསྔལ་བར་ཡིད་ལ་བྱའོ། །​ལྕེ་ནི་བདག་མྱེད་པར་ཡིད་ལ་བྱའོ། །​ལྕེ་ནི་ཞི་བར་ཡིད་ལ་བྱའོ། །​ལྕེ་ནི་དབེན་པར་ཡིད་ལ་བྱའོ། །​ལྕེ་ནི་ནད་དུ་ཡིད་ལ་བྱའོ། །​ལྕེ་ནི་ཤུ་བར་ཡིད་ལ་བྱའོ། །​ལྕེ་ནི་ཟུག་རྔུར་ཡིད་ལ་བྱའོ། །​ལྕེ་ནི་སྡིག་པར་ཡིད་ལ་བྱའོ། །​ལྕེ་ནི་ན་བར་ཡིད་ལ་བྱའོ། །​ལྕེ་ནི་དགྲར་ཡིད་ལ་བྱའོ། །​ལྕེ་ནི་འཇིག་པའི་ཆོས་ཅན་དུ་ཡིད་ལ་བྱའོ། །​ལྕེ་ནི་མྱི་བརྟན་པར་ཡིད་ལ་བྱའོ། །​ལྕེ་ནི་འཇིག་པར་ཡིད་ལ་བྱའོ། །​ལྕེ་ནི་འཇིགས་པར་ཡིད་ལ་བྱའོ། །​ལྕེ་ནི་འགོ་བའི་ནད་དུ་ཡིད་ལ་བྱའོ། །​ལྕེ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །​ལྕེ་ནི་བདག་གི་མེད་པར་ཡིད་ལ་བྱའོ། །​ལྕེ་ནི་ཡིད་བརྟན་དུ་མྱི་རུང་བར་ཡིད་ལ་བྱའོ། །​ལྕེ་ནི་གནོད་པར་ཡིད་ལ་བྱའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། ལུས་ནི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96033#UT22084-014-001-96033