ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྙིང་རྗེ་ཆེན་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །​སྙིང་རྗེ་ཆེན་པོ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །​སྙིང་རྗེ་ཆེན་པོ་རང་བཞིན་མེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །​སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །​སྙིང་རྗེ་ཆེན་པོ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །​སྙིང་རྗེ་ཆེན་པོ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དངོས་པོ་མེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མེད་པར་རིག་པར་བྱའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རང་བཞིན་མེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཐམས་ཅད་ཤེས་པ་ཉིད་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །​ཐམས་ཅད་ཤེས་པ་ཉིད་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །​ཐམས་ཅད་ཤེས་པ་ཉིད་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10776#UT22084-014-001-10776