བྱང་ཆུབ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའི་ཚེ། གཟུགས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​ཚོར་བ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​འདུ་ཤེས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​འདུ་བྱེད་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​རྣམ་པར་ཤེས་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​མིག་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​རྣ་བ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​སྣ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​ལྕེ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​ལུས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​ཡིད་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​གཟུགས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​སྒྲ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​དྲི་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​རོ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​རེག་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6156#UT22084-014-001-6156