དམྱིགས་པ་སྟོང་པ་ཉིད་སྐྱེ་བ་མྱེད་དོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་སྐྱེ་བ་མྱེད་དོ། །​ངོ་བོ་ཉིད་སྟོང་པ་ཉིད་སྐྱེ་བ་མྱེད་དོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྐྱེ་བ་མྱེད་དོ། །​དྲན་པ་ཉེ་བར་གཞག་པ་རྣམས་སྐྱེ་བ་མྱེད་དོ། །​ཡང་དག་པར་སྤོང་བ་རྣམས་སྐྱེ་བ་མྱེད་དོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་སྐྱེ་བ་མྱེད་དོ། །​དབང་པོ་རྣམས་སྐྱེ་བ་མྱེད་དོ། །​སྟོབས་རྣམས་སྐྱེ་བ་མེད་དོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་སྐྱེ་བ་མྱེད་དོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་སྐྱེ་བ་མེད་དོ། །​འཕགས་པའི་བདེན་པ་རྣམས་སྐྱེ་བ་མྱེད་དོ། །​བསམ་གཏན་རྣམས་སྐྱེ་བ་མྱེད་དོ། །​ཚད་མྱེད་པ་རྣམས་སྐྱེ་བ་མྱེད་དོ། །​གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་བ་མྱེད་དོ། །​རྣམ་པར་ཐར་པ་རྣམས་སྐྱེ་བ་མྱེད་དོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་བ་མེད་དོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྐྱེ་བ་མྱེད་དོ། །​མངོན་པར་ཤེས་པ་རྣམས་སྐྱེ་བ་མྱེད་དོ། །​ཏིང་ངེ་འཛིན་རྣམས་སྐྱེ་བ་མྱེད་དོ། །​གཟུངས་ཀྱི་སྒོ་རྣམས་སྐྱེ་བ་མྱེད་དོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་སྐྱེ་བ་མྱེད་དོ། །མྱི་འཇིགས་པ་རྣམས་སྐྱེ་བ་མྱེད་དོ། །​སོ་སོ་ཡང་དག་པར་རིག་པ་རྣམས་སྐྱེ་བ་མྱེད་དོ། །​བྱམས་པ་ཆེན་པོ་སྐྱེ་བ་མྱེད་དོ། །​སྙིང་རྗེ་ཆེན་པོ་སྐྱེ་བ་མྱེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྐྱེ་བ་མེད་དོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་སྐྱེ་བ་མྱེད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྐྱེ་བ་མྱེད་དོ། །​ཕྱིར་མྱི་འོང་བའི་འབྲས་བུ་སྐྱེ་བ་མྱེད་དོ། །​དགྲ་བཅོམ་པ་ཉིད་སྐྱེ་བ་མྱེད་དོ། །​རང་བྱང་ཆུབ་སྐྱེ་བ་མྱེད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་སྐྱེ་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། བརྗོད་པ་ནི་སྐྱེ་བ་མྱེད་པ་སྟེ། སྤོབས་པ་ཡང་སྐྱེ་བ་མྱེད་ལ་ཆོས་ཀྱང་སྐྱེ་བ་མྱེད་དོ། གང་ལས་བརྩམས་ཤིང་བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་པའོ། །​སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ནི་ཆོས་སྨྲ་བའི་ནང་ན་མཆོག་ཏུ་བྱ་བར་འོས་པ་སྟེ། དེ་ཅིའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10713#UT22084-014-001-10713