སོ་སོའི་སྐྱེ་བོ་ཡང་མ་སྐྱེས་ལ། སོ་སོའི་སྐྱེ་བོའི་ཆོས་ཀྱང་མ་སྐྱེས་པ། རྒྱུན་ཏུ་ཞུགས་པ་ཡང་མ་སྐྱེས་པ། རྒྱུན་ཏུ་ཞུགས་པའི་ཆོས་ཀྱང་མ་སྐྱེས་པ། ལན་ཅིག་ཕྱིར་འོང་བ་ཡང་མ་སྐྱེས་པ། ལན་ཅིག་ཕྱིར་འོང་བའི་ཆོས་ཀྱང་མ་སྐྱེས་པ། ཕྱིར་མྱི་འོང་བ་ཡང་མ་སྐྱེས་པ། ཕྱིར་མྱི་འོང་བའི་ཆོས་ཀྱང་མ་སྐྱེས་པ། དགྲ་བཅོམ་པ་ཡང་མ་སྐྱེས་པ། དགྲ་བཅོམ་པའི་ཆོས་ཀྱང་མ་སྐྱེས་པ། རང་སངས་རྒྱས་ཀྱང་མ་སྐྱེས་པ། རང་སངས་རྒྱས་ཀྱི་ཆོས་ཀྱང་མ་སྐྱེས་པ། བྱང་ཆུབ་སེམས་དཔའ་ཡང་མ་སྐྱེས་པ། བྱང་ཆུབ་སེམས་དཔའི་ཆོས་ཀྱང་མ་སྐྱེས་པ། སངས་རྒྱས་ཀྱང་མ་སྐྱེས་པ། སངས་རྒྱས་ཀྱི་ཆོས་ཀྱང་མ་སྐྱེས་པ་ཡིན་ན། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་གལ་ཏེ། གཟུགས་ཀྱང་སྐྱེ་བ་མྱེད་ལ། ཚོར་བ་ཡང་སྐྱེ་བ་མྱེད། འདུ་ཤེས་ཀྱང་སྐྱེ་བ་མྱེད། འདུ་བྱེད་ཀྱང་སྐྱེ་བ་མྱེད། རྣམ་པར་ཤེས་པ་ཡང་སྐྱེ་བ་མྱེད། །​མྱིག་ཀྱང་སྐྱེ་བ་མྱེད་ལ། རྣ་བ་ཡང་སྐྱེ་བ་མྱེད། སྣ་ཡང་སྐྱེ་བ་མྱེད། ལྕེ་ཡང་སྐྱེ་བ་མྱེད། ལུས་ཀྱང་སྐྱེ་བ་མྱེད། ཡིད་ཀྱང་སྐྱེ་བ་མྱེད། །​གཟུགས་ཀྱང་སྐྱེ་བ་མྱེད་ལ། སྒྲ་ཡང་སྐྱེ་བ་མྱེད། དྲི་ཡང་སྐྱེ་བ་མྱེད། རོ་ཡང་སྐྱེ་བ་མྱེད། རེག་ཀྱང་སྐྱེ་བ་མྱེད། ཆོས་ཀྱང་སྐྱེ་བ་མྱེད། །​མྱིག་གི་རྣམ་པར་ཤེས་པ་ཡང་སྐྱེ་བ་མེད་ལ། རྣ་བའི་རྣམ་པར་ཤེས་པ་ཡང་སྐྱེ་བ་མྱེད། སྣའི་རྣམ་པར་ཤེས་པ་ཡང་སྐྱེ་བ་མྱེད། ལྕེའི་རྣམ་པར་ཤེས་པ་ཡང་སྐྱེ་བ་མྱེད། ལུས་ཀྱི་རྣམ་པར་ཤེས་པ་ཡང་སྐྱེ་བ་མྱེད། ཡིད་ཀྱི་རྣམ་པར་ཤེས་པ་ཡང་སྐྱེ་བ་མྱེད། །​མྱིག་གི་འདུས་ཏེ་རེག་པ་ཡང་སྐྱེ་བ་མྱེད་ལ། རྣ་བའི་འདུས་ཏེ་རེག་པ་ཡང་སྐྱེ་བ་མྱེད། སྣའི་འདུས་ཏེ་རེག་པ་ཡང་སྐྱེ་བ་མྱེད། ལྕེའི་འདུས་ཏེ་རེག་པ་ཡང་སྐྱེ་བ་མྱེད། ལུས་ཀྱི་འདུས་ཏེ་རེག་པ་ཡང་སྐྱེ་བ་མྱེད། ཡིད་ཀྱི་འདུས་ཏེ་རེག་པ་ཡང་སྐྱེ་བ་མྱེད། །​མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་སྐྱེ་བ་མྱེད་ལ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་སྐྱེ་བ་མྱེད། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10690#UT22084-014-001-10690