དག་པའི་སླད་དུ། ཕྱིར་མྱི་འོང་བའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཕྱིར་མྱི་འོང་བའི་ཆོས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། དགྲ་བཅོམ་པའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། དགྲ་བཅོམ་པའི་ཆོས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། རང་སངས་རྒྱས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། རང་སངས་རྒྱས་ཀྱི་ཆོས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། བྱང་ཆུབ་སེམས་དཔའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། བྱང་ཆུབ་སེམས་དཔའི་ཆོས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། སངས་རྒྱས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། སངས་རྒྱས་ཀྱི་ཆོས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར་རོ། །​དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​བདག་གིས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་སྨྲས་པའི་དོན་ཤེས་པ་ལྟར་ན། གཟུགས་ཀྱང་མ་སྐྱེས་ལ། ཚོར་བ་ཡང་མ་སྐྱེས་པ། འདུ་ཤེས་ཀྱང་མ་སྐྱེས་པ། འདུ་བྱེད་ཀྱང་མ་སྐྱེས་པ། རྣམ་པར་ཤེས་པ་ཡང་མ་སྐྱེས་པ། །​མྱིག་ཀྱང་མ་སྐྱེས་ལ། རྣ་བ་ཡང་མ་སྐྱེས་པ། སྣ་ཡང་མ་སྐྱེས་པ། ལྕེ་ཡང་མ་སྐྱེས་པ། ལུས་ཀྱང་མ་སྐྱེས་པ། ཡིད་ཀྱང་མ་སྐྱེས་པ། །​གཟུགས་ཀྱང་མ་སྐྱེས་ལ། སྒྲ་ཡང་མ་སྐྱེས་པ། དྲི་ཡང་མ་སྐྱེས་པ། རོ་ཡང་མ་སྐྱེས་པ། རེག་ཀྱང་མ་སྐྱེས་པ། ཆོས་ཀྱང་མ་སྐྱེས་པ། །​མྱིག་གི་རྣམ་པར་ཤེས་པ་ཡང་མ་སྐྱེས་ལ། རྣ་བའི་རྣམ་པར་ཤེས་པ་ཡང་མ་སྐྱེས་པ། སྣའི་རྣམ་པར་ཤེས་པ་ཡང་མ་སྐྱེས་པ། ལྕེའི་རྣམ་པར་ཤེས་པ་ཡང་མ་སྐྱེས་པ། ལུས་ཀྱི་རྣམ་པར་ཤེས་པ་ཡང་མ་སྐྱེས་པ། ཡིད་ཀྱི་རྣམ་པར་ཤེས་པ་ཡང་མ་སྐྱེས་པ། །​མྱིག་གི་འདུས་ཏེ་རེག་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10687#UT22084-014-001-10687