འགྲིབ་པ་གང་ཡིན་པ་དེ་ཡང་མ་རིག་པ་མ་ཡིན། འདུ་བྱེད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་འདུ་བྱེད་མ་ཡིན། རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་མ་ཡིན། མྱིང་དང་གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་མྱིང་དང་གཟུགས་མ་ཡིན། སྐྱེ་མཆེད་དྲུག་གི་འགྲིབ་པ་གང་ཡིན་པ་དེ་ཡང་སྐྱེ་མཆེད་དྲུག་མ་ཡིན། རེག་པའི་འགྲིབ་པ་གང་ཡིན་པ་དེ་ཡང་རེགས་མ་ཡིན། ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ཡང་ཚོར་བ་མ་ཡིན། སྲེད་པའི་འགྲིབ་པ་གང་ཡིན་པ་དེ་ཡང་སྲེད་པ་མ་ཡིན། ལེན་པའི་འགྲིབ་པ་གང་ཡིན་པ་དེ་ཡང་ལེན་པ་མ་ཡིན། སྲིད་པའི་འགྲིབ་པ་གང་ཡིན་པ་དེ་ཡང་སྲིད་པ་མ་ཡིན། སྐྱེ་བའི་འགྲིབ་པ་གང་ཡིན་པ་དེ་ཡང་སྐྱེ་བ་མ་ཡིན། རྒ་ཤིའི་འགྲིབ་པ་གང་ཡིན་པ་དེ་ཡང་རྒ་ཤི་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནང་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ནང་སྟོང་པ་ཉིད་མ་ཡིན། ཕྱི་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ཕྱི་སྟོང་པ་ཉིད་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ཕྱི་ནང་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན། ཆེན་པོ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ཆེན་པོ་སྟོང་པ་ཉིད་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཀྱི་འགྲིབ་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10654#UT22084-014-001-10654