ཡིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཡིད་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་གཟུགས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྒྲ་ནི་སྒྲས་སྟོང་སྟེ། གང་སྟོང་པ་དེ་ནི་སྒྲ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། སྒྲའི་མ་སྐྱེས་པ་གང་ཡིན་པ་དེ་སྒྲ་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲི་ནི་དྲིས་སྟོང་སྟེ། གང་སྟོང་པ་དེ་ནི་དྲི་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། དྲིའི་མ་སྐྱེས་པ་གང་ཡིན་པ་དེ་དྲི་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རོ་ནི་རོས་སྟོང་སྟེ། གང་སྟོང་པ་དེ་ནི་རོམ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། རོའི་མ་སྐྱེས་པ་གང་ཡིན་པ་དེ་རོམ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རེག་ནི་རེག་གིས་སྟོང་སྟེ། གང་སྟོང་པ་དེ་ནི་རིག་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། རེག་གི་མ་སྐྱེས་པ་གང་ཡིན་པ་དེ་རེག་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཆོས་ནི་ཆོས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཆོས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ཆོས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཆོས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པས་སྟོང་སྟེ། གང་སྟོང་པ་དེ་ནི་མྱིག་གི་རྣམ་པར་ཤེས་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། མྱིག་གི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་མྱིག་གི་རྣམ་པར་ཤེས་པ་མ་ཡིན་ནོ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བའི་རྣམ་པར་ཤེས་པ་ནི་རྣ་བའི་རྣམ་པར་ཤེས་པས་སྟོང་སྟེ། གང་སྟོང་པ་དེ་ནི་རྣ་བའི་རྣམ་པར་ཤེས་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། རྣ་བའི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་རྣ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10624#UT22084-014-001-10624