ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུས་བྱས་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུས་མ་བྱས་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུས་མ་བྱས་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུས་མ་བྱས་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུས་མ་བྱས་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུས་མ་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུས་མ་བྱས་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུས་མ་བྱས་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུས་མ་བྱས་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུས་མ་བྱས་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​མཐའ་ལས་འདས་པ་སྟོང་པ་ཉིད་རྟོག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​མཐའ་ལས་འདས་པ་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​མཐའ་ལས་འདས་པ་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​མཐའ་ལས་འདས་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​མཐའ་ལས་འདས་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​མཐའ་ལས་འདས་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​མཐའ་ལས་འདས་པ་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​མཐའ་ལས་འདས་པ་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10599#UT22084-014-001-10599