རྟོག་གོ །​མེའི་ཁམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​མྱེའི་ཁམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​མྱེའི་ཁམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རླུང་གི་ཁམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རླུང་གི་ཁམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རླུང་གི་ཁམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རླུང་གི་ཁམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རླུང་གི་ཁམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རླུང་གི་ཁམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རླུང་གི་ཁམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རླུང་གི་ཁམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རླུང་གི་ཁམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ནམ་མཁའི་ཁམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ནམ་མཁའི་ཁམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ནམ་མཁའི་ཁམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​ནམ་མཁའི་ཁམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ནམ་མཁའི་ཁམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ནམ་མཁའི་ཁམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ནམ་མཁའི་ཁམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ནམ་མཁའི་ཁམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ནམ་མཁའི་ཁམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རྣམ་པར་ཤེས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10587#UT22084-014-001-10587