བ་དང་མྱི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​མྱིག་མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​མྱིག་སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​མྱིག་ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​མྱིག་དབེན་ཞེས་བྱ་བ་དང་མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རྣ་བ་རྟག་ཅེས་བྱ་བ་དང་མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རྣ་བ་བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རྣ་བ་བདག་ཅེས་བྱ་བ་དང་བདག་མེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རྣ་བ་སྡུག་ཅེས་བྱ་བ་དང་མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རྣ་བ་སྟོང་ཞེས་བྱ་བ་དང་མྱི་སྟོང་ཞེས་བྱ་བར་ཡོངས་སུ་རྟོག་གོ །​རྣ་བ་མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རྣ་བ་སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རྣ་བ་ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རྣ་བ་དབེན་ཞེས་བྱ་བ་དང་མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྣ་རྟག་ཅེས་བྱ་བ་དང་མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྣ་བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྣ་བདག་ཅེས་བྱ་བ་དང་བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྣ་སྡུག་ཅེས་བྱ་བ་དང་མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྣ་སྟོང་ཞེས་བྱ་བ་དང་མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྣ་མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྣ་སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྣ་ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྣ་དབེན་ཞེས་བྱ་བ་དང་མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ལྕེ་རྟག་ཅེས་བྱ་བ་དང་མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ལྕེ་བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​ལྕེ་བདག་ཅེས་བྱ་བ་དང་བདག་མྱེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​ལྕེ་སྡུག་ཅེས་བྱ་བ་དང་མྱི་སྡུག་ཅེས་བྱ་བར་ཡོངས་སུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10573#UT22084-014-001-10573