གཟུགས་རྟག་ཅེས་བྱ་བ་དང་མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​གཟུགས་བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​གཟུགས་བདག་ཅེས་བྱ་བ་དང་བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ། །​གཟུགས་སྡུག་ཅེས་བྱ་བ་དང་མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​གཟུགས་སྟོང་ཞེས་བྱ་བ་དང་མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​གཟུགས་མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​གཟུགས་སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​གཟུགས་ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​གཟུགས་དབེན་ཞེས་བྱ་བ་དང་མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཚོར་བ་རྟག་ཅེས་བྱ་བ་དང་མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཚོར་བ་བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཚོར་བ་བདག་ཅེས་བྱ་བ་དང་བདག་མེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཚོར་བ་སྡུག་ཅེས་བྱ་བ་དང་མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཚོར་བ་སྟོང་ཞེས་བྱ་བ་དང་མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཚོར་བ་མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཚོར་བ་སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཚོར་བ་ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཚོར་བ་དབེན་ཞེས་བྱ་བ་དང་མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུ་ཤེས་རྟག་ཅེས་བྱ་བ་དང་མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུ་ཤེས་བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུ་ཤེས་བདག་ཅེས་བྱ་བ་དང་བདག་མེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུ་ཤེས་སྡུག་ཅེས་བྱ་བ་དང་མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུ་ཤེས་སྟོང་ཞེས་བྱ་བ་དང་མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུ་ཤེས་མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུ་ཤེས་སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​འདུ་ཤེས་ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10571#UT22084-014-001-10571