སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འགྲིབ་པ་གང་ལགས་པ་དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་མ་ལགས་སོ། །​བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་མངོན་པར་ཤེས་པ་རྣམས་མ་ལགས་ཏེ། དེ་ལྟར་ན་མངོན་པར་ཤེས་པ་རྣམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མངོན་པར་ཤེས་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་མངོན་པར་ཤེས་པ་རྣམས་མ་ལགས་སོ། །​བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ཏིང་ངེ་འཛིན་རྣམས་མ་ལགས་ཏེ། དེ་ལྟར་ན་ཏིང་ངེ་འཛིན་རྣམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཏིང་ངེ་འཛིན་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ཏིང་ངེ་འཛིན་རྣམས་མ་ལགས་སོ། །​བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་གཟུངས་ཀྱི་སྒོ་རྣམས་མ་ལགས་ཏེ། དེ་ལྟར་ན་གཟུངས་ཀྱི་སྒོ་རྣམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་གཟུངས་ཀྱི་སྒོ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10559#UT22084-014-001-10559