བཅོམ་ལྡན་འདས་སྙིང་རྗེ་ཆེན་པོའི་མ་སྐྱེས་པ་གང་ལགས་པ་དེ་སྙིང་རྗེ་ཆེན་པོ་མ་ལགས་ཏེ། དེ་ལྟར་ན་སྙིང་རྗེ་ཆེན་པོ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྙིང་རྗེ་ཆེན་པོའི་མ་སྐྱེས་པ་གང་ལགས་པ་དེ་སྙིང་རྗེ་ཆེན་པོ་མ་ལགས་སོ། །​བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ལགས་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ལགས་སོ། །​བཅོམ་ལྡན་འདས་དེ་བཞིན་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དེ་བཞིན་ཉིད་མ་ལགས་ཏེ། དེ་ལྟར་ན་དེ་བཞིན་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དེ་བཞིན་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དེ་བཞིན་ཉིད་མ་ལགས་སོ། །​བཅོམ་ལྡན་འདས་ཆོས་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་ཉིད་མ་ལགས་ཏེ། དེ་ལྟར་ན་ཆོས་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆོས་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་ཉིད་མ་ལགས་སོ། །​བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཀྱི་མ་སྐྱེས་པ་གང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10534#UT22084-014-001-10534