མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆུའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆུའི་ཁམས་མ་ལགས་སོ། །​བཅོམ་ལྡན་འདས་མེའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མྱེའི་ཁམས་མ་ལགས་ཏེ། དེ་ལྟར་ན་མྱེའི་ཁམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མེའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མྱེའི་ཁམས་མ་ལགས་སོ། །​བཅོམ་ལྡན་འདས་རླུང་གི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རླུང་གི་ཁམས་མ་ལགས་ཏེ། དེ་ལྟར་ན་རླུང་གི་ཁམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རླུང་གི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རླུང་གི་ཁམས་མ་ལགས་སོ། །​བཅོམ་ལྡན་འདས་ནམ་མཁའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ནམ་མཁའི་ཁམས་མ་ལགས་ཏེ། དེ་ལྟར་ན་ནམ་མཁའི་ཁམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ནམ་མཁའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ནམ་མཁའི་ཁམས་མ་ལགས་སོ། །​བཅོམ་ལྡན་འདས་རྣམ་པར་ཤེས་པའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཤེས་པའི་ཁམས་མ་ལགས་ཏེ། དེ་ལྟར་ན་རྣམ་པར་ཤེས་པའི་ཁམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10518#UT22084-014-001-10518