འཛིན་རྣམས་ཞེས་བགྱི་བར་ཏིང་ངེ་འཛིན་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་གཟུངས་ཀྱི་སྒོ་རྣམས་ཞེས་བགྱི་བར་གཟུངས་ཀྱི་སྒོ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་བགྱི་བར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་མྱི་འཇིགས་པ་བཞི་ཞེས་བགྱི་བར་མྱི་འཇིགས་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བགྱི་བར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་བྱམས་པ་ཆེན་པོ་ཞེས་བགྱི་བར་བྱམས་པ་ཆེན་པོ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་སྙིང་རྗེ་ཆེན་པོ་ཞེས་བགྱི་བར་སྙིང་རྗེ་ཆེན་པོ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཅེས་བགྱི་བར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་དག་ནི་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཞེས་བགྱི་བར་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10505#UT22084-014-001-10505