པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་འདུ་བྱེད་ཅེས་བགྱི་བར་འདུ་བྱེད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་རྣམ་པར་ཤེས་པ་ཞེས་བགྱི་བར་རྣམ་པར་ཤེས་པ་ལ་མྱི་དམིགས་ཤིང་མྱི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་མྱིང་དང་གཟུགས་ཞེས་བགྱི་བར་མྱིང་དང་གཟུགས་ལ་མྱི་དམྱིགས་ཤིང་མི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་སྐྱེ་མཆེད་དྲུག་ཅེས་བགྱི་བར་སྐྱེ་མཆེད་དྲུག་ལ་མྱི་དམྱིགས་ཤིང་མི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་རེག་པ་ཞེས་བགྱི་བར་རེག་པ་ལ་མི་དམྱིགས་ཤིང་མི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་ཚོར་བ་ཞེས་བགྱི་བར་ཚོར་བ་ལ་མི་དམིགས་ཤིང་མྱི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་སྲེད་པ་ཞེས་བགྱི་པར་སྲེད་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་ལེན་པ་ཞེས་བགྱི་བར་ལེན་པ་ལ་མྱི་དམིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་སྲིད་པ་ཞེས་བགྱི་བར་སྲིད་པ་ལ་མྱི་དམྱིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་སྐྱེ་བ་ཞེས་བགྱི་བར་སྐྱེ་བ་ལ་མྱི་དམིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་རྒ་ཤི་ཞེས་བགྱི་བར་རྒ་ཤི་ལ་མྱི་དམྱིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​བཅོམ་ལྡན་འདས་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་དེ་དག་ལ་འདི་ལྟར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10500#UT22084-014-001-10500