ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །​ཏིང་ངེ་འཛིན་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །​གཟུངས་ཀྱི་སྒོ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །​མི་འཇིགས་པ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །​སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །​བྱམས་པ་ཆེན་པོ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །​སྙིང་རྗེ་ཆེན་པོ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །​ཐམས་ཅད་ཤེས་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མྱེད་ཅེས་བྱ་བར་མི་སྦྱོར་རོ། །​ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​འདུས་ཤེས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མྱེད་ཅེས་བྱ་བར་མི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6129#UT22084-014-001-6129