པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​ལྕེའི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​ལུས་ཀྱི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​ཡིད་ཀྱི་འདུས་ཏེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10470#UT22084-014-001-10470