འདུ་བྱེད་མངོན་པར་མ་གྲུབ་བོ། །​རྣམ་པར་ཤེས་པ་མངོན་པར་མ་གྲུབ་བོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ་ཅིའི་ཕྱིར། ཚེ་དང་ལྡན་པ་རབ་འབྱོར་གང་མངོན་པར་མ་གྲུབ་པ་དེ་གཟུགས་མ་ཡིན། གང་མངོན་པར་མ་གྲུབ་པ་དེ་ཚོར་བ་མ་ཡིན། གང་མངོན་པར་མ་གྲུབ་པ་དེ་འདུ་ཤེས་མ་ཡིན། གང་མངོན་པར་མ་གྲུབ་པ་དེ་འདུ་བྱེད་མ་ཡིན། གང་མངོན་པར་མ་གྲུབ་པ་དེ་རྣམ་པར་ཤེས་པ་མ་ཡིན། ཞེས་སྨྲས་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ནི་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​ཚོར་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​འདུ་ཤེས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​འདུ་བྱེད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །​རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​མྱིག་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​རྣ་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10467#UT22084-014-001-10467