པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ལུས་ཀྱི་འདུས་ཏེ་རེག་པ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཡིད་ཀྱི་འདུས་ཏེ་རེག་པ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སའི་ཁམས་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཆུའི་ཁམས་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​མྱེའི་ཁམས་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རླུང་གི་ཁམས་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ནམ་མཁའི་ཁམས་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རྣམ་པར་ཤེས་པའི་ཁམས་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མ་རིག་པ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​འདུ་བྱེད་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རྣམ་པར་ཤེས་པ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​མྱིང་དང་གཟུགས་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​སྐྱེ་མཆེད་དྲུག་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རེག་པ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚོར་བ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​སྲེད་པ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ལེན་པ་ཟག་པ་མྱེད་པ་སྟེ། གང་དང་ཡང་བྲལ་བས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10433#UT22084-014-001-10433