མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​མཐའ་ལས་འདས་པ་སྟོང་པ་ཉིད་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​དོར་བ་མྱེད་པ་སྟོང་པ་ཉིད་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རང་བཞིན་སྟོང་པ་ཉིད་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཆོས་ཐམས་ཅད་སྟོང་པ་ཉིད་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རང་གི་མཚན་ཉིད་སྟོང་པ་ཉིད་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​མྱི་དམྱིགས་པ་སྟོང་པ་ཉིད་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ངོ་བོ་ཉིད་སྟོང་པ་ཉིད་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲན་པ་ཉེ་བར་གཞག་པ་རྣམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཡང་དག་པར་སྤོང་བ་རྣམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རྫུ་འཕྲུལ་ཀྱི་རྐང་པ་རྣམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​དབང་པོ་རྣམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​སྟོབས་རྣམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་བདེན་པ་རྣམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​བསམ་གཏན་རྣམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚད་མྱེད་པ་རྣམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​གཟུགས་མྱེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10430#UT22084-014-001-10430