ན་མ་ཐོབ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚོར་བ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​འདུ་ཤེས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​འདུ་བྱེད་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རྣམ་པར་ཤེས་པ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རྣ་བ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​སྣ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ལྕེ་ཁ་ན་མ་ཐོབ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ལུས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཡིད་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​སྒྲ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​དྲི་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རོ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རེག་ཁ་ན་མ་ཐོབ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཆོས་ཁ་ན་མ་ཐོབ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་རྣམ་པར་ཤེས་པ་ཁ་ན་མ་ཐོབ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རྣ་བའི་རྣམ་པར་ཤེས་པ་ཁ་ན་མ་ཐོབ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​སྣའི་རྣམ་པར་ཤེས་པ་ཁ་ན་མ་ཐོབ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ལྕེའི་རྣམ་པར་ཤེས་པ་ཁ་ན་མ་ཐོབ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ལུས་ཀྱི་རྣམ་པར་ཤེས་པ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་བྲལ་བས་མ་ཡིན་ནོ། །​ཡིད་ཀྱི་རྣམ་པར་ཤེས་པ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རྣ་བའི་འདུས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10427#UT22084-014-001-10427