པར་འགྱུར་བ་ལྟ་ག་ལ་ཡོད། སྙིང་རྗེ་ཆེན་པོ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཉན་ཐོས་ཤིན་ཏུ་མེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རང་སངས་རྒྱས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། བྱང་ཆུབ་སེམས་དཔའ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། བདག་བདག་ཅེས་ཀྱང་བྱ་སྟེ། བདག་ཤིན་ཏུ་མངོན་པར་གྲུབ་པ་མེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་གང་ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནམ་ཞེས་ཟེར་བ་དེ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །​ཤ་ར་དྭ་ཏིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་པ་ཡིན། སྨྲས་པ་གཟུགས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །​ཚོར་བ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །​འདུ་ཤེས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །​འདུ་བྱེད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །​རྣམ་པར་ཤེས་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རྣ་བ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །​སྣ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །​ལྕེ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །​ལུས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །​ཡིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །​གཟུགས་ལ་འདུ་བ་ལས་བྱུང་བའི་ངོ་བོ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10386#UT22084-014-001-10386