དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། ཡང་དག་པར་སྤོང་བ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་ཡང་དག་པར་སྤོང་བ་རྣམས་བྱེད། ཡང་དག་པར་སྤོང་བ་རྣམས་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཡང་དག་པར་སྤོང་བ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་འདི་ལྟ་སྟེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། མྱིང་ལ་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་མྱེད། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དབང་པོ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་དབང་པོ་རྣམས་མྱེད། དབང་པོ་རྣམས་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། དབང་པོ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། སྟོབས་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་སྟོབས་རྣམས་མྱེད། སྟོབས་རྣམས་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། སྟོབས་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་མྱེད། བྱང་ཆུབ་ཀྱི་ཡན་ལག་རྣམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10373#UT22084-014-001-10373