ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། འདི་ལྟར་མིང་ནི་གང་ནས་ཀྱང་མྱི་འོང་གང་དུ་ཡང་མྱི་འགྲོ་གང་ན་ཡང་མྱི་གནས་སོ། །​མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པ་མ་ཡིན། དེ་ནི་རྣ་བའི་འདུས་ཏེ་རེག་པ་མ་ཡིན། དེ་ནི་སྣའི་འདུས་ཏེ་རེག་པ་མ་ཡིན། དེ་ནི་ལྕེའི་འདུས་ཏེ་རེག་པ་མ་ཡིན། དེ་ནི་ལུས་ཀྱི་འདུས་ཏེ་རེག་པ་མ་ཡིན། དེ་ནི་ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་ནི་མྱིང་གི་རང་བཞིན་གྱིས་སྟོང་ངོ་། །​སྟོང་པ་གང་ཡིན་པ་དེ་ནི་མྱིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་ཞེས་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། འདི་ལྟར་མྱིང་ནི་གང་ནས་ཀྱང་མི་འོང་གང་དུ་ཡང་མྱི་འགྲོ་གང་ན་ཡང་མྱི་གནས་སོ། །​མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། དེ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། དེ་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། དེ་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། དེ་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། དེ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་ནི་མྱིང་གི་རང་བཞིན་གྱིས་སྟོང་ངོ་། །​སྟོང་པ་གང་ཡིན་པ་དེ་ནི་མྱིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་ཞེས་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། སའི་ཁམས་ཞེས་བྱ་བ་དང་། ཆུའི་ཁམས་ཞེས་བྱ་བ་དང་། མྱེའི་ཁམས་ཞེས་བྱ་བ་དང་། རླུང་གི་ཁམས་ཞེས་བྱ་བ་དང་། ནམ་མཁའི་ཁམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10367#UT22084-014-001-10367