མེད་ཅིང་མྱི་དམྱིགས་སོ། །​གདམས་ཤིང་རྗེས་སུ་བསྟན་པ་ནི། བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ཆོས་ཐམས་ཅད་མྱེད་ཅིང་དམྱིགས་སུ་མྱེད་བས། བྱང་ཆུབ་སེམས་དཔའ་མྱེད་ཅིང་དམྱིགས་སུ་མེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་ཡིན་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། དེའི་ཕྱིར་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ་ཞེས་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཞེས་བྱ་བ་དང་། འདུ་བྱེད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི། གློ་བུར་དུ་མྱིང་དུ་བཏགས་པ་སྟེ། འདི་ལྟར་མྱིང་ནི་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་གང་ན་ཡང་མྱི་གནས་སོ། །​མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཟུགས་མ་ཡིན། དེ་ནི་ཚོར་བ་མ་ཡིན། དེ་ནི་འདུ་ཤེས་མ་ཡིན། དེ་ནི་འདུ་བྱེད་མ་ཡིན། དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་ནི་མིང་གི་རང་བཞིན་གྱིས་སྟོང་ངོ་། །​སྟོང་པ་གང་ཡིན་པ་དེ་ནི་མྱིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། མྱིག་ཅེས་བྱ་བ་དང་། རྣ་བ་ཞེས་བྱ་བ་དང་། སྣ་ཞེས་བྱ་བ་དང་། ལྕེ་ཞེས་བྱ་བ་དང་། ལུས་ཞེས་བྱ་བ་དང་། ཡིད་ཅེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། འདི་ལྟར་མྱིང་ནི་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་གང་ན་ཡང་མྱི་གནས་སོ། །​མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི། མིག་མ་ཡིན། དེ་ནི་རྣ་བ་མ་ཡིན། དེ་ནི་སྣ་མ་ཡིན། དེ་ནི་ལྕེ་མ་ཡིན། དེ་ནི་ལུས་མ་ཡིན། དེ་ནི་ཡིད་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་མྱིང་གི་རང་བཞིན་གྱིས་སྟོང་ངོ་། །​སྟོང་པ་གང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10365#UT22084-014-001-10365