ས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །​ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མེད་ཅིང་མྱི་དམྱིགས་སོ། །​ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ནི། སོ་སོའི་སྐྱེ་བོའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །​ཐམས་ཅད་ཤེས་པ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །​ཐམས་ཅད་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །​ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མེད་ཅིང་མི་དམྱིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །​རྒྱུན་ཏུ་ཞུགས་པ་ནི་རྒྱུན་ཏུ་ཞུགས་པ་ལ་མྱེད་ཅིང་མི་དམྱིགས་སོ། །​རྒྱུན་ཏུ་ཞུགས་པ་ནི་ལན་ཅིག་ཕྱིར་འོང་བ་ལ་མེད་ཅིང་མྱི་དམྱིགས་སོ། །​ལན་ཅིག་ཕྱིར་འོང་བ་ནི་ལན་ཅིག་ཕྱིར་འོང་བ་ལ་མེད་ཅིང་མྱི་དམྱིགས་སོ། །​ལན་ཅིག་ཕྱིར་འོང་བ་ནི་རྒྱུན་ཏུ་ཞུགས་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །​རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ནི་ཕྱིར་མི་འོང་བ་ལ་མེད་ཅིང་མི་དམིགས་སོ། །​ཕྱིར་མྱི་འོང་བ་ནི་ཕྱིར་མྱི་འོང་བ་ལ་མེད་ཅིང་མྱི་དམྱིགས་སོ། །ཕྱིར་མི་འོང་བ་ནི་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་ལ་མེད་ཅིང་མི་དམྱིགས་སོ། །​རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་ནི་དགྲ་བཅོམ་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །​དགྲ་བཅོམ་པ་ནི་དགྲ་བཅོམ་པ་ལ་མེད་ཅིང་མྱི་དམྱིགས་སོ། །​དགྲ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10363#UT22084-014-001-10363