ཉིད་ལ་རང་སངས་རྒྱས་ཀྱི་ཐེག་པ་མྱེད། བྱང་ཆུབ་སེམས་དཔའ་མྱེད་དོ། །​སངས་རྒྱས་ཀྱི་ཐེག་པ་ནི་སངས་རྒྱས་ཀྱི་ཐེག་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་སངས་རྒྱས་ཀྱི་ཐེག་པ་མྱེད་བྱང་ཆུབ་སེམས་དཔའ་མྱེད་དོ། །​ཉན་ཐོས་ནི་ཉན་ཐོས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཉན་ཐོས་མྱེད་བྱང་ཆུབ་སེམས་དཔའ་མྱེད་དོ། །​རང་སངས་རྒྱས་ནི་རང་སངས་རྒྱས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་རང་སངས་རྒྱས་མྱེད་བྱང་ཆུབ་སེམས་དཔའ་མྱེད་དོ། །​དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་དེ་བཞིན་གཤེགས་པ་མྱེད་བྱང་ཆུབ་སེམས་དཔའ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མྱེད་ཅིང་མྱི་དམྱིགས་སོ། །​ཚོར་བ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མྱེད་ཅིང་མྱི་དམྱིགས་སོ། །​འདུ་ཤེས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མྱི་དམྱིགས་སོ། །​འདུ་བྱེད་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མྱེད་ཅིང་མྱི་དམྱིགས་སོ། །​རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མྱེད་ཅིང་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ་བདག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་དམྱིགས་ན་བྱང་ཆུབ་སེམས་དཔའ་ནི་གང་ཞིག །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཞིག་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་ཟེར་བ་ཅིའི་ཕྱིར་དེ་སྐད་དུ་སྨྲས་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ནི་གཟུགས་ལ་མྱེད་ཅིང་མྱི་དམྱིགས་སོ། །​གཟུགས་ནི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །​ཚོར་བ་ནི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །​ཚོར་བ་ནི་གཟུགས་ལ་མྱེད་ཅིང་མྱི་དམྱིགས་སོ། །​གཟུགས་དང་ཚོར་བ་ནི་འདུ་ཤེས་ལ་མྱེད་ཅིང་མྱི་དམྱིགས་སོ། །​འདུ་ཤེས་ནི་འདུ་ཤེས་ལ་མྱེད་ཅིང་མྱི་དམྱིགས་སོ། །​འདུ་ཤེས་ནི་གཟུགས་དང་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །​གཟུགས་དང་ཚོར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10803#UT22084-014-001-10803