ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །​དྲི་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །​དྲི་ངོ་བོ་ཉིད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །​དྲི་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །​དྲི་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །​དྲི་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །​དྲི་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །​དྲི་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །​དྲི་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དྲི་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །​དྲི་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམྱིགས་སོ། །​དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲི་མྱེད་པ་དང་། དྲི་སྟོང་པ་ཉིད་དང་། དྲི་དབེན་པ་དང་། དྲི་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། དྲི་མྱེད་པ་ཡང་གཞན་མ་ཡིན། དྲི་སྟོང་པ་ཉིད་ཀྱང་གཞན་མ་ཡིན། དྲི་དབེན་པ་ཡང་གཞན་མ་ཡིན། དྲི་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་དྲི་མྱེད་པ་གང་ཡིན་པ་དང་། དྲི་སྟོང་པ་ཉིད་གང་ཡིན་པ་དང་། དྲི་དབེན་པ་གང་ཡིན་པ་དང་། དྲི་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10142#UT22084-014-001-10142