སྐད་དུ་གལ་ཏེ་དེ་ལྟར་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་འཇུམ་ཡོངས་སུ་མྱི་འཇུམ་འགྱོད་པར་མྱི་འགྱུར་ཞིང་། ཡིད་མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་སྨྲ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སེམས་ཅན་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །​སེམས་ཅན་སྟོང་པ་དང་། སེམས་ཅན་དབེན་པ་དང་། སེམས་ཅན་རང་བཞིན་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དུ་ཏིའི་བུ་སེམས་ཅན་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །​སེམས་ཅན་སྟོང་པ་དང་། སེམས་ཅན་དབེན་པ་དང་། སེམས་ཅན་རང་བཞིན་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སེམས་ཅན་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །​སེམས་ཅན་སྟོང་པ་དང་། སེམས་ཅན་དབེན་པ་དང་། སེམས་ཅན་རང་བཞིན་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མྱེད་པ་དང་། སེམས་ཅན་སྟོང་པ་དང་། སེམས་ཅན་དབེན་པ་དང་། སེམས་ཅན་རང་བཞིན་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས་སོ། །​ཕྱི་མའི་མཐའ་མྱི་དམྱིགས་སོ། །​དབུས་མྱི་དམྱིགས་སོ། །​སེམས་ཅན་མྱེད་པ་ཡང་གཞན། སེམས་ཅན་སྟོང་པ་ཡང་གཞན། སེམས་ཅན་དབེན་པ་ཡང་གཞན། སེམས་ཅན་རང་བཞིན་མྱེད་པ་ཡང་གཞན་ཞིག་ལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10792#UT22084-014-001-10792