ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། གཟུངས་ཀྱི་སྒོ་རྣམས་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། མི་འཇིགས་པ་བཞི་ཡང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། མྱི་འཇིགས་པ་རྣམས་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཐེག་པ་ཆེན་པོ་ཡང་གཞན་ལ། སྙིང་རྗེ་ཆེན་པོ་ཡང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​རབ་འབྱོར་རྣམ་གྲངས་དེས་ན་ཐེག་པ་ཆེན་པོ་བསྟན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་འགྱུར་རོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་ཐེག་པ་ཆེན་པོ་བསྟན་པར་འགྱུར་རོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐར་མྱི་དམྱིགས་སོ། །​བྱང་ཆུབ་སེམས་དཔའ་ནི་ཕྱི་མའི་མཐར་མྱི་དམྱིགས་སོ། །​བྱང་ཆུབ་སེམས་དཔའ་ནི་དབུས་སུ་མྱི་དམྱིགས་ཏེ། གཟུགས་ཀུན་ཏུ་མཐའ་ཡས་པའི་སླད་དུ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10121#UT22084-014-001-10121