པ་ཉིད་ལ་འདས་པའི་དུས་མི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་གཞན་ཡང་སོ་སོའི་སྐྱེ་བོ་ནི་སྔོན་གྱི་མཐར་མྱི་དམྱིགས། སོ་སོའི་སྐྱེ་བོ་ནི་ཕྱི་མའི་མཐར་མྱི་དམྱིགས། སོ་སོའི་སྐྱེ་བོ་ནི་ད་ལྟར་བྱུང་བར་མྱི་དམྱིགས། སོ་སོའི་སྐྱེ་བོ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམྱིགས་སུ་མྱེད་པའི་ཕྱིར་རོ། །​རབ་འབྱོར་གཞན་ཡང་ཉན་ཐོས་ནི་སྔོན་གྱི་མཐར་མི་དམྱིགས། ཉན་ཐོས་ནི་ཕྱི་མའི་མཐར་མི་དམྱིགས། ཉན་ཐོས་ནི་ད་ལྟར་བྱུང་བར་མི་དམྱིགས། ཉན་ཐོས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མྱེད་པའི་ཕྱིར་རོ། །​རབ་འབྱོར་གཞན་ཡང་རང་སངས་རྒྱས་ནི་སྔོན་གྱི་མཐར་མྱི་དམྱིགས་རང་སངས་རྒྱས་ནི་ཕྱི་མའི་མཐར་མྱི་དམྱིགས་རང་སངས་རྒྱས་ནི་ད་ལྟར་བྱུང་བར་མྱི་དམྱིགས། རང་སངས་རྒྱས་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམྱིགས་སུ་མྱེད་པའི་ཕྱིར་རོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐར་མྱི་དམྱིགས། བྱང་ཆུབ་སེམས་དཔའ་ནི་ཕྱི་མའི་མཐར་མྱི་དམྱིགས། བྱང་ཆུབ་སེམས་དཔའ་ནི་ད་ལྟར་བྱུང་བར་མྱི་དམྱིགས། བྱང་ཆུབ་སེམས་དཔའ་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམྱིགས་སུ་མྱེད་པའི་ཕྱིར་རོ། །​རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་ནི་སྔོན་གྱི་མཐར་མི་དམྱིགས། དེ་བཞིན་གཤེགས་པ་ནི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10108#UT22084-014-001-10108