དེ་ནི་འདི་ལྟར་ཚད་མེད་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཚད་མེད་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་གཟུགས་མེད་པའི་སྙོམས་པར་འཇུག་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། རྣམ་པར་ཐར་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་རྣམ་པར་ཐར་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། །​རྣམ་པར་ཐར་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​མཚན་མ་མེད་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་མཚན་མ་མེད་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མཚན་མ་མེད་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​སྨོན་པ་མྱེད་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་སྦྱོར་མྱི་འབྱེད་དོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6088#UT22084-014-001-6088