གནས་པར་འགྱུར་བ་མྱེད་དོ། །​སྣའི་རྣམ་པར་ཤེས་པ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣའི་རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​སྣའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​སྣའི་རྣམ་པར་ཤེས་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​ལྕེའི་རྣམ་པར་ཤེས་པ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེའི་རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​ལྕེའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​ལྕེའི་རྣམ་པར་ཤེས་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​ལུས་ཀྱི་རྣམ་པར་ཤེས་པ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10048#UT22084-014-001-10048