པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་སྟོབས་གང་ཡིན་པ་དང་། མྱི་འཇིགས་པ་གང་ཡིན་པ་དང་། སོ་སོ་ཡང་དག་པར་རིག་པ་གང་ཡིན་པ་དང་། སྙིང་རྗེ་ཆེན་པོ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །​རབ་འབྱོར་གཞན་ཡང་བདག་མྱེད་པའི་ཕྱིར་སེམས་ཅན་མྱེད་པར་རིག་པར་བྱའོ། །​སེམས་ཅན་མྱེད་པའི་ཕྱིར་སྲོག་མྱེད་པར་རིག་པར་བྱའོ། །​སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་པར་རིག་པར་བྱའོ། །​འགྲོ་བ་མྱེད་པའི་ཕྱིར་གསོ་བ་མྱེད་པར་རིག་པར་བྱའོ། །​གསོ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །​སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །​གང་ཟག་མྱེད་པའི་ཕྱིར་ཤེད་ཅན་མྱེད་པར་རིག་པར་བྱའོ། །​ཤེད་ཅན་མྱེད་པའི་ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། །​ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །​བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །​ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་པར་བྱའོ། །​ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །​མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་མྱེས་མྱེ་རིག་པར་བྱའོ། །​བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར་རིགས་ཀྱིས་མྱེད་པར་རིག་པར་བྱའོ། །​རིགས་ཀྱིས་མྱེད་པའི་ཕྱིར་བརྒྱད་པའི་ས་མྱེད་པར་རིག་པར་བྱའོ། །​བརྒྱད་པའི་ས་མྱེད་པའི་ཕྱིར་མཐོང་བའི་ས་མྱེད་པར་རིག་པར་བྱའོ། །​མཐོང་བའི་ས་མྱེད་པའི་ཕྱིར་བསྲབས་པའི་ས་མྱེད་པར་རིག་པར་བྱའོ། །​བསྲབས་པའི་ས་མྱེད་པའི་ཕྱིར་འདོད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10034#UT22084-014-001-10034