མཉམ་པ་སྟེ། འདི་ལྟར་ཐེག་པ་ཆེན་པོའོ། །​རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཇི་ལྟར་ནམ་མཁའ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་པ་དེ་བཞིན་དུ། ཐེག་པ་ཆེན་པོ་དེ་ཡང་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །​ཞེས་སྨྲས་པ་ནི། དེ་དེ་བཞིན་ནོ། །​རབ་འབྱོར་དེ་དེ་བཞིན་ཏེ། ཇི་ལྟར་ནམ་མཁའ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་པ་དེ་བཞིན་དུ། ཐེག་པ་ཆེན་པོ་དེ་ཡང་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་མྱེད་པའི་ཕྱིར། ནམ་མཁའ་མྱེད་པར་རིག་པར་བྱའོ། །​ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་གྲངས་འདིས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་ཚད་མྱེད་པའི་ཕྱིར། ནམ་མཁའ་ཚད་མྱེད་པར་རིག་པར་བྱའོ། །​ནམ་མཁའ་ཚད་མྱེད་པའི་ཕྱིར། ཐེག་པ་ཆེན་པོ་ཚད་མྱེད་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་གྲངས་འདིས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་དཔག་ཏུ་མྱེད་པའི་ཕྱིར། ནམ་མཁའ་དཔག་ཏུ་མྱེད་པར་རིག་པར་བྱའོ། །​ནམ་མཁའ་དཔག་ཏུ་མྱེད་པའི་ཕྱིར། ཐེག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10007#UT22084-014-001-10007