མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་སེམས་དང་པོ་བསྐྱེད་པ་མྱེད་དོ། །​གཉིས་པ་མྱེད་དོ། །​གསུམ་པ་མྱེད་དོ། །​བཞི་པ་མྱེད་དོ། །​ལྔ་པ་མྱེད་དོ། །དྲུག་པ་མྱེད་དོ། །​བདུན་པ་མྱེད་དོ། །​བརྒྱད་པ་མྱེད་དོ། །​དགུ་པ་མྱེད་དོ། །​སེམས་བཅུ་པ་བསྐྱེད་པ་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་སེམས་དང་པོ་བསྐྱེད་པ་མྱེད་དོ། །​གཉིས་པ་མྱེད་དོ། །​གསུམ་པ་མེད་དོ། །བཞི་པ་མྱེད་དོ། །​ལྔ་པ་མྱེད་དོ། །​དྲུག་པ་མྱེད་དོ། །​བདུན་པ་མྱེད་དོ། །​བརྒྱད་པ་མྱེད་དོ། །​དགུ་པ་མྱེད་དོ། །​སེམས་བཅུ་པ་བསྐྱེད་པ་མྱེད་དོ། །​དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་དཀར་པོ་རྣམ་པར་མཐོང་བའི་ས་མྱེད་དོ། །​རིགས་ཀྱི་ས་མྱེད་དོ། །​བརྒྱད་པའི་ས་མྱེད་དོ། །​མཐོང་བའི་ས་མྱེད་དོ། །​བསྲབས་པའི་ས་མྱེད་དོ། །​འདོད་ཆགས་དང་བྲལ་བའི་ས་མྱེད་དོ། །​བྱས་པ་རྟོགས་པའི་ས་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་དཀར་པོ་རྣམ་པར་མཐོང་བའི་ས་མྱེད་དོ། །​རིགས་ཀྱིས་མྱེད་དོ། །​བརྒྱད་པའི་ས་མྱེད་དོ། །​མཐོང་བའི་ས་མྱེད་དོ། །​བསྲབས་པའི་ས་མྱེད་དོ། །​འདོད་ཆགས་དང་བྲལ་བའི་ས་མྱེད་དོ། །​བྱས་པ་རྟོགས་པའི་ས་མྱེད་དོ། །​དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱེད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱེད་དོ། །​ཕྱིར་མྱི་འོང་བའི་འབྲས་བུ་མྱེད་དོ། །​དགྲ་བཅོམ་པ་ཉིད་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱེད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱེད་དོ། །​ཕྱིར་མྱི་འོང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10004#UT22084-014-001-10004