ཉོན་མོངས་པ་མྱེད་པ་མྱི་དམྱིགས་པས། ཀུན་ནས་ཉོན་མོངས་པ་མྱེད་པ་དམྱིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཀུན་ནས་ཉོན་མོངས་པ་མྱེད་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །རྣམ་པར་བྱང་བ་མྱེད་པ་མྱི་དམྱིགས་པས། རྣམ་པར་བྱང་བ་མྱེད་པ་དམྱིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་བྱང་བ་མྱེད་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​མངོན་པར་འདུ་བྱ་བ་མྱེད་པ་མྱི་དམྱིགས་པས། མངོན་པར་འདུ་བྱ་བ་མྱེད་པ་དམྱིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མངོན་པར་འདུ་བྱ་བ་མྱེད་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​སྔོན་གྱི་མཐའ་མྱི་དམྱིགས་པས། སྔོན་གྱི་མཐའ་དམྱིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དམྱིགས་སུ་མེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​ཕྱི་མའི་མཐའ་མྱི་དམྱིགས་པས། ཕྱི་མའི་མཐའ་དམྱིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​ད་ལྟར་བྱུང་བ་མྱི་དམྱིགས་པས། ད་ལྟར་བྱུང་བ་དམྱིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​འོང་བ་མྱི་དམྱིགས་པས། འོང་བ་དམྱིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འོང་བ་དམྱིགས་སུ་མྱེད་པ་ན། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​འགྲོ་བ་མྱི་དམྱིགས་པས། འགྲོ་བ་དམྱིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འགྲོ་བ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​གནས་པ་མྱི་དམྱིགས་པས། གནས་པ་དམྱིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-9933#UT22084-014-001-9933