དམྱིགས་པས་བསམ་གྱིས་མི་ཁྱབ་པའི་དབྱིངས་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གྱིས་མི་ཁྱབ་པའི་དབྱིངས་དམྱིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​ཕུང་པོ་དང་ཁམས་དང་སྐྱེ་མཆེད་མི་དམིགས་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​རྟེན་ཅིང་འབྲེལ་པར་འབྱུང་བ་མི་དམིགས་པས། རྟེན་ཅིང་འབྲེལ་པར་འབྱུང་བ་དམྱིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྟེན་ཅིང་འབྲེལ་པར་འབྱུང་བ་དམིགས་སུ་མྱེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-9924#UT22084-014-001-9924