འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​རྣམ་པར་ཐར་པ་བརྒྱད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​ཏིང་ངེ་འཛིན་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་འཕགས་པའི་བདེན་པ་རྣམས་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​བསམ་གཏན་རྣམས་བསམ་གཏན་ཀྱིས་སྟོང་པའི་ཕྱིར་རོ། །​ཚད་མྱེད་པ་རྣམས་ཚད་མྱེད་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །རྣམ་པར་ཐར་པ་རྣམས་རྣམ་པར་ཐར་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་སྟོང་པའི་ཕྱིར་རོ། །​མངོན་པར་ཤེས་པ་རྣམས་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​ཏིང་ངེ་འཛིན་རྣམས་ཏིང་ངེ་འཛིན་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​གཟུངས་ཀྱི་སྒོ་རྣམས་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-9912#UT22084-014-001-9912