བ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​དབང་པོ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​སྟོབས་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​ཡང་དག་པར་སྤོང་བ་རྣམས་ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​དབང་པོ་རྣམས་དབང་པོ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​སྟོབས་རྣམས་སྟོབས་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་པའི་ཕྱིར་རོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཕགས་པའི་བདེན་པ་རྣམས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། བསམ་གཏན་རྣམས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚད་མྱེད་པ་རྣམས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟེ་སྟེ་དཔེར་ན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་གནས་པ་ཡང་མ་ཡིན་མྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10789#UT22084-014-001-10789