ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་བརྙན་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྨྱི་ལམ་གྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​སྒྱུ་མའི་ངོ་བོ་ཉིད་ལ་ནི་གནས་པའམ་མྱི་གནས་པ་མྱེད་དོ། །​སྨྱིག་རྒྱུའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​སྒྲ་བརྙན་གྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​མིག་ཡོར་གྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​གཟུགས་བརྙན་གྱི་ངོ་བོ་ཉིད་ལ་ནི་གནས་པའམ་མྱི་གནས་པ་མྱེད་དོ། །​དེ་བཞིན་གཤེགས་པའི་སྤྲུལ་པའི་ངོ་བོ་ཉིད་ལ་ནི་གནས་པའམ་མྱི་གནས་པ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རྨྱི་ལམ་རྨྱི་ལམ་གྱིས་སྟོང་པའི་ཕྱིར་རོ། །​སྒྱུ་མ་སྒྱུ་མས་སྟོང་པའི་ཕྱིར་རོ། །​སྨྱིག་རྒྱུ་སྨྱིག་རྒྱུས་སྟོང་པའི་ཕྱིར་རོ། །སྒྲ་བརྙན་སྒྲ་བརྙན་གྱིས་སྟོང་པའི་ཕྱིར་རོ། །​མིག་ཡོར་མིག་ཡོར་གྱིས་སྟོང་པའི་ཕྱིར་རོ། །​གཟུགས་བརྙན་གཟུགས་བརྙན་གྱིས་སྟོང་པའི་ཕྱིར་རོ། །​དེ་བཞིན་གཤེགས་པའི་སྤྲུལ་པ་དེ་བཞིན་གཤེགས་པའི་སྤྲུལ་པས་སྟོང་པའི་ཕྱིར་རོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚུལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10788#UT22084-014-001-10788