འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །​ཚོར་བ་ཚོར་བས་སྟོང་པའི་ཕྱིར་རོ། །​འདུ་ཤེས་འདུ་ཤེས་ཀྱིས་སྟོང་པའི་ཕྱིར་རོ། །​འདུ་བྱེད་འདུ་བྱེད་ཀྱིས་སྟོང་པའི་ཕྱིར་རོ། །​རྣམ་པར་ཤེས་པ་རྣམ་པར་སྟོང་པའི་ཕྱིར་རོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། མྱིག་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། རྣ་བ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། སྣ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། ལྕེ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། ལུས་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཡིད་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་གི་ངོ་བོ་ཉིད་ལ་ནི་གནས་པའམ་མྱི་གནས་པ་མྱེད་དོ། །​རྣ་བའི་ངོ་བོ་ཉིད་ལ་ནི་གནས་པའམ་མྱི་གནས་པ་མྱེད་དོ། །​སྣའི་ངོ་བོ་ཉིད་ལ་ནི་གནས་པའམ་མྱི་གནས་པ་མྱེད་དོ། །​ལྕེའི་ངོ་བོ་ཉིད་ལ་ནི་གནས་པའམ་མྱི་གནས་པ་མྱེད་དོ། །​ལུས་ཀྱི་ངོ་བོ་ཉིད་ལ་ནི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-9898#UT22084-014-001-9898