དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཁམས་གསུམ་ནས་འབྱུང་པ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །​རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྨྱི་ལམ་ནི་རྨྱི་ལམ་གྱིས་སྟོང་པའི་ཕྱིར་རོ། །​སྒྱུ་མ་ནི་སྒྱུ་མས་སྟོང་པའི་ཕྱིར་རོ། །​སྨྱིག་རྒྱུ་ནི་སྨྱིག་རྒྱུས་སྟོང་པའི་ཕྱིར་རོ། །​སྒྲ་བརྙན་ནི་སྒྲ་བརྙན་གྱིས་སྟོང་པའི་ཕྱིར་རོ། །​མྱིག་ཡོར་ནི་མྱིག་ཡོར་གྱིས་སྟོང་པའི་ཕྱིར་རོ། །​དེ་བཞིན་གཤེགས་པའི་སྤྲུལ་པ་ནི། དེ་བཞིན་གཤེགས་པའི་སྤྲུལ་པས་སྟོང་པའི་ཕྱིར་རོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཚོར་རྣམས་འབྱུང་བར་འདོད་པ་དེ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-9884#UT22084-014-001-9884