རྣམ་པར་ཤེས་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ལྕེའི་རྣམ་པར་ཤེས་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ལུས་ཀྱི་རྣམ་པར་ཤེས་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ལུས་ཀྱི་རྣམ་པར་ཤེས་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ལུས་ཀྱི་རྣམ་པར་ཤེས་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་རྣམ་པར་ཤེས་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་རྣམ་པར་ཤེས་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་རྣམ་པར་ཤེས་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མིག་གི་འདུས་ཏེ་རེག་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མིག་གི་འདུས་ཏེ་རེག་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མིག་གི་འདུས་ཏེ་རེག་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣ་བའི་འདུས་ཏེ་རེག་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣ་བའི་འདུས་ཏེ་རེག་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣ་བའི་འདུས་ཏེ་རེག་པ་དང་ད་ལྟར་བྱུང་བར་མི་སྦྱོར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6053#UT22084-014-001-6053