སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ཆོས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​མྱིག་གི་རྣམ་པ་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། །​ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​རྣ་བའི་རྣམ་པ་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​སྣའི་རྣམ་པ་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ལྕེའི་རྣམ་པ་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ལུས་ཀྱི་རྣམ་པ་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ཡིད་ཀྱི་རྣམ་པ་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​རྣ་བའི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​སྣའི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ལྕེའི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ལུས་ཀྱི་འདུས་ཏེ་རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ཡིད་ཀྱི་འདུས་ཏེ་རེག་པ་ཡང་། །​རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7613#UT22084-014-001-7613